10597

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཟུ་བོ་འདུལ་བ་འཛིན་པས་རྩོད་པ་ཞི་བར་བྱས་ན་བསོད་ནམས་མང་དུ་འཕེལ་བར་འགྱུར་བ་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། །

1.དེས་བདག་ཉིད་ལ་བསོད་ནམས་ཀྱི་ཕུང་པོ་མང་པོས་བསྒོས་པར་གྱུར་པ། 2.དེས་གཞན་ལ་ཡང་བསོད་ནམས་ཀྱི་ཕུང་པོ་ཆེན་པོས་བསྒོས་པར་གྱུར་པ། 3.རྒོལ་བ་དང་། ཕྱིར་རྒོལ་བའི་དགེ་སློང་དག་གིས་ཉེས་པ་སྦྱངས་པར་གྱུར་པ། 4.རྒོལ་བ་དང་། ཕྱིར་རྒོལ་བ་དག་གི་ཉེས་པ་ཆོམས་པར་གྱུར་པ། 5.ཕྱོགས་རྣམ་པ་བཞི་པའི་ཉོན་མོངས་པའི་རྒྱུད་རྣམས་ཞི་བར་གྱུར་པ། 6.དགེ་འདུན་བསྡུ་བའི་ཕྱིར་ཞུགས་པར་གྱུར་པ། 7.དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་མིག་རྒྱས་པར་གྱུར་པ། 8.ངོ་ཚ་བ་མེད་པའི་ཕྱོགས་རྣམས་ལ་ནན་ཏུར་བྱས་པར་གྱུར་པ། 9.ངོ་ཚ་བའི་ཕྱོགས་རྣམས་ཡང་དག་པར་བསྡུས་པར་གྱུར་པ། 10.དམ་པའི་ཆོས་མ་ཡིན་པ་བཟློག་པར་གྱུར་པ། 11.དམ་པའི་ཆོས་རབ་ཏུ་ཟིན་པར་གྱུར་པོ། 12.དམ་པའི་ཆོས་ཉིད་བརྗོད་པར་གྱུར་པ། 13.ཕྱིས་འོང་བའི་སྐྱེ་བོ་རྣམས་ལ་སྣང་བ་སྤྲོས་པར་གྱུར་པ། 14.དམ་པའི་ཆོས་གནས་པ། 15.སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པར་གྱུར་པ་དང་བཅོ་ལྔའོ། ། (སྐབས་འདིར་གཞུང་དུ་ཚན་པ་གཅིག་ཆད་པ་པར་གཞི་གཞན་དང་ཞིབ་བསྡུར་དགོས།)

Tibetan Source 《འདུལ་བ་པ་པ་》ཤུ་102ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number